为全面落实中央、自治区、市纪委监委关于群众身边不正之风和腐败问题集中整治工作部署,按照农业农村部乡村振兴资金使用监管整治专班要求,向社会征求财政惠农惠民补贴资金使用监管、乡村振兴项目资金使用监管和乡镇财政资金使用监管等方面问题线索,希望社会各界和农牧民群众在法定工作时间内据实反映问题、提供相关问题或线索。现将专项整治内容及监督举报方式公告如下:
一、征集范围
(一)财政惠农惠民补贴资金使用监管方面。
一是审核把关方面。是否存在因审核把关不严、不及时,导致超标准、超范围、少发或重复发放等问题。二是补贴发放方面。是否存在挤占挪用、迟拨滞拨等拖欠农牧民补贴等问题;是否存在不通过“一卡通”发放惠农惠民补贴,或以各种理由收取、借用农户身份证,用无关人员身份信息办理“一卡通”,虚假冒领财政补贴等问题;是否存在代开、代管、扣押群众“一卡通”银行卡等问题;是否存在通过虚增土地面积、种植作物品种或虚列名单、虚开发票等手段优亲厚友、骗取套取补贴等问题;是否存在同一区域内补贴依据和执行标准不统一的问题;是否存在群众申领拨付过程中敷衍应付、推诿扯皮、吃拿卡要等问题;是否存在耕地地力保护补贴、农机购置与应用补贴发放不规范;农村户厕改造是否按照有墙、顶、厕所门、储粪池门、窗、照明、密闭盖、地面硬化,贮粪池渗、漏、苍蝇、臭、厕所不清洁,粪便按时规定清出,粪便实现资源化利用等要求落实,建成后是否自下而上组织开展竣工验收,严格履行“村自验、乡初验、县终验”验收程序和通过验收是否及时兑现奖补资金,是否按照“一村一档、一户一卡”建立健全户厕改造台账。三是信息公开方面。是否按照有关规定,全面开展补贴政策公开和补贴结果公示等问题。
(二)乡村振兴项目资金使用监管方面。
一是项目谋划管理方面。是否存在项目申报不实、套取资金、项目未批先建等问题;是否存在项目设计不合理、不科学,脱离实际盲目上项目,弄虚作假、多头申报、重复申报项目,搞形象工程、政绩工程等问题;是否存在项目立项不合规,违反“三重一大”议事规则,擅自决定审批结果、安排项目,导致项目建设后不能用、不好用等问题;针对衔接资金项目是否严格按照“村申报、乡审核、县审定”流程完成项目申报。
二是项目建设质量方面。是否存在项目招投标不规范,围标、串标以及干涉招投标、非法转分包等违法违规行为,脱离实际造景、摆花架子搞形象工程的问题;是否存在项目实施技术不规范、工序不科学、施工质量粗枝烂叶,违规使用不合格或者伪劣建材导致质量不合格的问题;是否存在竣工验收不规范,未竣工已验收、已竣工却迟迟不验收、建设质量不达标仍通过验收,及竣工验收不到现场核实、照图验收、按资料验收等问题。
三是项目管护利用方面。是否存在项目后续管理不到位,项目建成后未按时移交、未正常有效运行、后续运行管护制度执行不到位、项目长期闲置废弃等问题。是否存在评价体系缺失,缺乏科学的绩效评价指标;是否存在结果运用不足,绩效评价结果与资金分配脱钩;是否存在信息壁垒,部门间数据共享机制不健全;是否存在监管真空,多部门交叉项目管理领域的监管盲区;是否存在推诿扯皮,项目审批、验收等环节责任不清晰等现象。
四是资金使用监管方面。是否存在资金下拨不及时、迟拨滞拨、虚报冒领、截留套取、挤占挪用、违规举债、以拨代支、虚列支出、超预算安排支出、超范围超标准列支工作经费、违规支付中介费、长期拖欠工程款等问题,特别是挤占挪用、因资金未及时到位影响项目实施进度和质量等问题;是否存在资金使用不合规,优亲厚友、贪污侵占、骗取套取等违纪违法问题;是否存在落实资金使用监管责任不力,日常监督检查“走过场”等问题。
五是高标准农田建设项目资金使用监管方面。是否存在套取挤占挪用资金、违法违规举债、搞形象工程、农田设施闲置浪费、高标准农田非粮化非农化、上图入库多报漏报等不实不准问题;是否存在无预算超预算安排支出、以拨代支虚列支出、项目规划设计不科学、资产管理管护不善等资金管理和政策执行问题。
六是人畜分离项目资金使用监管方面。是否存在人畜分离界定标准不准、任务未完成、台账未建立、项目未验收、资金未兑现和群众满意度不高等情况。
(三)乡镇财政资金使用监管方面。
一是内控管理方面。是否存在内控机制不健全,财政预算支出、工程项目资金监管、食堂经费管理不到位等问题;是否存在财务管理不规范,资金支付手续不齐全、出纳会计“一肩挑”,乡镇干部违规向乡镇借款长期不还等问题。
二是财经纪律执行方面。是否存在私设“小金库”、白条入账、变相滥发津补贴或福利等问题;是否存在以广告宣传费、办公费、接待费、信访维稳费、征地拆迁费、环境整治费等名义贪占套取乡镇财政资金以及违规接待、违规吃喝、违规送礼等违纪违法行为。
二、举报方式
西藏乡村振兴资金使用监管突出问题专项整治工作监督举报电话:0891-6345196
山南市乡村振兴资金使用监管突出问题专项整治工作监督举报电话:0893-7924935
三、受理时间
上午:9:30-13:00;下午:15:30-18:00
༄༅།།ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་འབུར་ཐོན་གནད་དོན་
ཁུངས་སྣེ་བསྡུ་ལེན་སྐོར་གྱི་སྤྱི་བསྒྲགས།
མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས།གྲོང་ཁྱེར་སྒྲིག་ཨུད་ལྟ་ཨུད་བཅས་ཀྱི་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད།ཞིང་ལས་གྲོང་གསེབ་པུའི་གྲོང་གསེབ་དར་རྒྱས་མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བཅོས་སྒྲིག་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་བླང་བྱ་གཞིར་བཟུང་།སྤྱི་ཚོགས་ཁྱོན་དུ་ནོར་སྲིད་ཀྱི་ཞིང་ཕན་དམངས་ཕན་ཁ་གསབ་མ་དངུལ་བེད་སྤྱོད་དང་གྲོང་གསེབ་དར་རྒྱས་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད། ཤང་གྲོང་རྡལ་གྱི་ནོར་སྲིད་མ་དངུལ་བེད་སྤྱོད་བཅས་ཀྱི་ཐད་ལྟ་སྐུལ་དོ་དམ་བྱེད་པའི་གནད་དོན་ཁུངས་སྣེ་བསྡུ་ལེན་བྱ་རྒྱུ་ཡིན་པས།སྤྱི་ཚོགས་ལས་རིགས་ཁག་དང་ཞིང་འབྲོག་མང་ཚོགས་ཚོས་ཁྲིམས་བཀོད་ལས་དུས་ནང་དོན་དངོས་ལྟར་གནད་དོན་གོང་ཞུ་དང་འབྲེལ་ཡོད་གནད་དོན་ནམ་ཡང་ན་ཁུངས་སྣེ་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད།ད་ལྟ་ཆེད་དོན་བཅོས་སྒྲིག་ནང་དོན་དང་ལྟ་སྐུལ་ཐེར་འདོན་བྱ་ཐབས་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།
གཅིགབསྡུ་ལེན་ཁྱབ་ཁོངས།
(གཅིག)ནོར་སྲིད་ཀྱི་ཞིང་ཕན་དམངས་ཕན་ཁ་གསབ་མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱེད་ཕྱོགས།
གཅིག་ནི་ཞིབ་དཔྱད་དང་གནད་འགག་དམ་འཛིན་ཐད།ཞིབ་དཔྱད་དང་གནད་འགག་དམ་འཛིན་ནན་པོ་མེད་པ་དང་དུས་ཐོག་མ་བྱུང་བའི་རྐྱེན་གྱིས་ཚད་གཞི་ལས་བརྒལ་བ་དང་།ཁྱབ་ཁོངས་ལས་བརྒལ་བ།སྤྲོད་ཉུང་བའམ་ཡང་ན་བསྐྱར་ཟློས་སྤྲོད་པ་སོགས་ཀྱི་གནད་དོན་ཡོད་མེད།
གཉིས་ནི་ཁ་གསབ་སྤྲོད་པའི་ཐད།འཐེན་འཛིན་གཞན་སྤྱོད་དང་གཏོང་སྤྲོད་ཕྱིར་འགྱངས་སོགས་ཞིང་འབྲོག་པའི་ཁ་གསབ་འགྱངས་ཆད་བྱེད་པའི་གནད་དོན་ཡོད་མེད།གྰ་གཅིག་ཀུན་འཐུས་མ་བརྒྱུད་པར་ཞིང་ཕན་དམངས་ཕན་ཁ་གསབ་སྤྲོད་པའམ་ཡང་ན་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་བསྡུ་གཡར་དང་འབྲེལ་མེད་མི་སྣའི་ཐོབ་ཐང་ཆ་འཕྲིན་ལ་བརྟེན་ནས་གྰ་གཅིག་ཀུན་འཐུས་བསྒྲུབ་གཉེར་བྱས་ཏེ་ནོར་སྲིད་ཀྱི་ཁ་གསབ་གཡོ་ལེན་བྱེད་པའི་གནད་དོན་ཡོད་མེད།མང་ཚོགས་ཀྱི་གྰ་གཅིག་ཀུན་འཐུས་དངུལ་ཁང་བྱང་བུ་ཚབ་གཉེར་དང་ཚབ་ཉར།བཀག་ཉར་སོགས་ཀྱི་གནད་དོན་ཡོད་མེད།ས་ཆའི་རྒྱ་ཁྱོན་དང་ལོ་ཏོག་གི་སྣ་ཁ་རྫུན་སྤར་རམ་ཡང་ན་མིང་ཐོ་རྫུན་མ་འགོད་པ།འཛིན་ཤོག་རྫུན་མ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཉེ་དགའ་ཕྱོགས་ཞེན་དང་ཁ་གསབ་གཡོ་ལེན་བྱེད་པའི་གནད་དོན་ཡོད་མེད།ས་ཁོངས་གཅིག་མཚུངས་ནང་ཁ་གསབ་གཞི་འཛིན་ས་དང་ལག་བསྟར་ཚད་གཞི་གཅིག་གྱུར་མིན་པའི་གནད་དོན་ཡོད་མེད།མང་ཚོགས་ཚོས་གཏོང་སྤྲོད་རེ་ཞུའི་བརྒྱུད་རིམ་ཁྲོད་ཁྲལ་མངོན་སླ་བཅོས་དང་རང་འགན་གཞན་དཀྲི།བཟའ་འཁྱེར་བཀག་གསུམ་སོགས་ཀྱི་གནད་དོན་ཡོད་མེད།སའི་གཤིན་ཚད་ཀྱི་སྲུང་སྐྱོང་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ཁ་གསབ་གཏོང་སྤྲོད་ཚད་ལྡན་མིན་པའི་གནད་དོན་ཡོད་མེད།གྲོང་གསེབ་དུད་ཚང་གི་གསང་སྤྱོད་བསྒྱུར་བཀོད་ཐད་གྱང་དང་ཐོགགསང་སྤྱོད་སྒོ། སྐྱག་གསོག་དོང་གི་སྒོ་སྒེའུ་ཁུང་།གློག་སྒྲོན།དམ་སྦྱར་ཁེབས།ས་ངོས་སྲ་འགྱུར་བཅས་ཡོད་པ་དང་།སྐྱག་གསོག་དོང་སིམ་པ་དང་འཛག་པ།སྦྲང་བུ་འཁོར་བ། དྲི་ངན་ཁ་བ།གསང་སྤྱོད་གཙང་མ་མེད་པ་བཅས་ཀྱི་རིགས་མེད་པ།སྐྱག་གཅིན་གཏན་འབེབས་ལྟར་དུས་ཐོག་ཏུ་གཙང་སེལ།སྐྱག་གཅིན་ཐོན་ཁུངས་ཅན་གྱི་བཀོལ་སྤྱོད་མངོན་འགྱུར་སོགས་ཀྱི་བླང་བྱ་ལྟར་དོན་འཁྱོལ་བྱས་ཡོད་མེད།འཛུགས་སྐྲུན་ཚར་རྗེས་གྲོང་ཚོའི་རང་བཤེར་དང་ཤང་གི་ཐོག་མའི་ཞིབ་བཤེར།རྫོང་གི་མཐའ་མའི་ཞིབ་བཤེར་བཅས་ཀྱི་ཞིབ་བཤེར་རྩིས་ལེན་གོ་རིམ་ལྟར་འོག་ནས་གོང་བར་སྒྲིག་འཛུགས་བྱས་ཏེ་ལས་མཇུག་སྒྲིལ་བའི་ཞིབ་བཤེར་རྩིས་ལེན་ལས་དོན་ནན་པོ་སྒྲུབ་ཡོད་མེད། ཞིབ་བཤེར་རྩིས་ལེན་བསྒྲུབ་རྗེས་བྱ་དགའ་དང་ཁ་གསབ་མ་དངུལ་དུས་ཐོག་ཏུ་སྤྲད་ཡོད་མེད།གྲོང་ཚོ་རེ་ལ་ཡིག་ཚགས་རེ་དང་དུད་ཚང་རེ་ལ་གྰ་རེ་གཞིར་བཟུང་དུད་ཚང་གི་གསང་སྤྱོད་བསྒྱུར་བཀོད་ལས་ཐོ་འཐུས་ཚང་བཟོས་ཡོད་མེད་བཅས།
གསུམ་ནི་ཆ་འཕྲིན་ཡོངས་བསྒྲགས་ཐད།འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཕྱོགས་ཡོངས་ནས་ཁ་གསབ་སྲིད་ཇུས་ཡོངས་བསྒྲགས་དང་ཁ་གསབ་བྱས་འབྲས་ཡོངས་བསྒྲགས་བྱེད་པའི་ཐད་གནད་དོན་ཡོད་མེད།
(གཉིས) གྲོང་གསེབ་དར་རྒྱས་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱེད་ཕྱོགས།
གཅིག་ནི་རྣམ་གྲངས་འཆར་འགོད་དོ་དམ་ཐད།རྣམ་གྲངས་སྙན་ཞུ་དོན་དངོས་དང་མི་མཐུན་པ། མ་དངུལ་གཡོ་ལེན་བྱེད་པ།རྣམ་གྲངས་ཆོག་མཆན་མ་སྤྲད་པར་སྔོན་ལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནད་དོན་ཡོད་མེད།རྣམ་གྲངས་ཇུས་འགོད་ལུགས་མཐུན་མིན་པ་དང་ཚན་རིག་དང་མི་མཐུན་པ།དོན་དངོས་དང་ཁ་བྲལ་ནས་རྨོངས་ཚོད་ཀྱིས་རྣམ་གྲངས་སྤེལ་བ།མི་བདེན་རྫུན་སྒྲིག ཕྱོགས་མང་པོར་སྙན་ཞུ།རྣམ་གྲངས་བསྐྱར་ཟློས་སྙན་ཞུ།རྟགས་མཚོན་ལས་གྲྭ་དང་བྱས་རྗེས་ལས་གཞི་སྤེལ་བ་སོགས་ཀྱི་གནད་དོན་ཡོད་མེད།རྣམ་གྲངས་འགོད་པའི་ཐད་སྲོལ་དང་མི་མཐུན་པ་དང་གཙོ་གནད་གསུམ་དང་ཆེ་གྲས་གཅིག་གི་གྲོས་དོན་སྒྲིག་སྲོལ་ལས་འགལ་ནས་ཞིབ་བཤེར་ཆོག་མཆན་འབྲས་བུར་རང་དགར་ཐག་གཅོད་དང་རྣམ་གྲངས་རང་དགར་བཀོད་སྒྲིག་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ཚར་རྗེས་བེད་སྤྱོད་མི་ཐུབ་པ་དང་བེད་སྤྱོད་དཀའ་བ་སོགས་ཀྱི་གནད་དོན་ཡོད་མེད།མ་དངུལ་དང་རྣམ་གྲངས་སྦྲེལ་མཐུད་ལ་དམིགས་ནས་གྲོང་ཚོས་རེ་ཞུ་དང་།ཤང་གིས་ཞིབ་བཤེར།རྫོང་གིས་ཆོག་མཆན་འགོད་པའི་བྱ་རིམ་ལ་ནན་པོར་གཞིགས་ནས་རྣམ་གྲངས་རེ་ཞུ་ལེགས་གྲུབ་ཐུབ་མིན།
གཉིས་ནི་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ཐད།རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་ཚད་ལྡན་མེད་པ་དང་འཁྱུ་མཐུན་འོས་དཔོད་དང་།ཁ་མཐུན་འོས་ཐོན།དེ་བཞིན་འོས་སྐུལ་འོས་དཔོད་ལ་ཐེ་གཏོགས་བྱེད་པ།ཁྲིམས་འགལ་ཐོག་ནས་ལག་བརྒྱུད་འགན་གཙང་དང་ཁག་བགོས་འགན་གཙང་སྤྲོད་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད།དོན་དངོས་དང་ཁ་བྲལ་ཏེ་རྨོངས་ཚོད་ཀྱི་མཛེས་ལྗོངས་སྐྲུན་པ་དང་འཇོན་བཟོ་ཆེན་པོས་རྟགས་མཚོན་ལས་གྲྭ་བསྒྲུབས་པ་བཅས་ཀྱི་གནད་དོན་ཡོད་མེད།རྣམ་གྲངས་ལག་བསྟར་བྱེད་པའི་ལག་རྩལ་ཚད་ལྡན་མིན་པ་དང་ལས་རིམ་ཚན་རིག་དང་མི་མཐུན་པ།ཨར་ལས་ཀྱི་སྤུས་ཚད་ཕྱི་མཛེས་ནང་སྟོང་།སྒྲིག་སྲོལ་དང་འགལ་ནས་ཚད་གཞི་མ་ལོན་པའམ་ཡང་ན་ཨར་ལས་རྒྱུ་ཆ་རྫུན་མ་སྤྱད་ནས་སྤུས་ཚད་མ་ལོན་པའི་གནད་དོན་ཡོད་མེད།ལས་མཇུག་སྒྲིལ་བའི་ཞིབ་བཤེར་རྩིས་ལེན་ཚད་ལྡན་མིན་པ་དང་ལས་མཇུག་མ་བསྒྲིལ་གོང་ནས་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ།ལས་མཇུག་བསྒྲིལ་ཡང་ཞིབ་བཤེར་རྩིས་ལེན་ཡུན་རིང་མ་བྱས་པ།འཛུགས་སྐྲུན་གྱི་སྤུས་ཚད་མ་ལོན་ཡང་སྔར་བཞིན་ཞིབ་བཤེར་རྩིས་ལེན་བྱས་པ།དེ་བཞིན་ལས་མཇུག་བསྒྲིལ་བའི་ཞིབ་བཤེར་རྩིས་ལེན་ས་གནས་ས་ཐོག་ཏུ་ཞིབ་དཔྱད་མི་བྱེད་པར།རི་མོར་བལྟས་ནས་ཞིབ་བཤེར་རྩིས་ལེན་དང་དཔྱད་གཞིའི་ཡིག་རིགས་ལ་བལྟས་ནས་ཞིབ་བཤེར་རྩིས་ལེན་བྱེད་པ་སོགས་ཀྱི་གནད་དོན་ཡོད་མེད།
གསུམ་ནི་རྣམ་གྲངས་དོ་དམ་སྲུང་སྐྱོང་དང་བེད་སྤྱོད་ཐད།རྣམ་གྲངས་ཀྱི་རྗེས་མཐུད་དོ་དམ་གནད་ལ་འཁེལ་མེད་པ་དང་རྣམ་གྲངས་ལེགས་གྲུབ་ཟིན་རྗེས་དུས་ཐོག་ཏུ་རྩིས་སྤྲོད་མ་བྱས་པ།འཁོར་སྐྱོད་རྒྱུན་ལྡན་བཞིན་ནུས་ལྡན་མེད་པ།རྗེས་མཐུད་འཁོར་སྐྱོད་དོ་དམ་སྲུང་སྐྱོང་ལམ་ལུགས་ལག་བསྟར་གནད་ལ་མི་འཁེལ་བ།རྣམ་གྲངས་ཡུན་རིང་གཡུགས་བཞག་པའམ་ཡང་ན་བེད་མེད་དུ་གཏོང་བ་སོགས་ཀྱི་གནད་དོན་ཡོད་མེད།གདེང་འཇོག་སྒྲིག་གཞི་ཆ་མི་ཚང་བ་དང་ཚན་རིག་དང་མཐུན་པའི་བྱས་འབྲས་གདེང་འཇོག་དམིགས་ཚད་མི་འདང་བའི་གནད་དོན་ཡོད་མེད།འབྲས་བུ་བེད་སྤྱོད་མི་འདང་བ་དང་བྱས་འབྲས་གདེང་འཇོག་འབྲས་བུ་དང་མ་དངུལ་བགོ་འགྲེམ་དབར་ག་མི་འདུམ་པའི་གནད་དོན་ཡོད་མེད།ཆ་འཕྲིན་གྱི་བཀག་རྒྱ་དང་ཚན་པའི་དབར་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་ཡོད་མེད།ལྟ་སྐུལ་དོ་དམ་ཐད་སྟོང་ཆ་ལུས་པ་དང་ཚན་པ་མང་པོས་སྣོལ་མང་གཉེར་བའི་རྣམ་གྲངས་ཀྱི་དོ་དམ་ཁྱབ་ཁོངས་ཐད་ཧོལ་རྒྱུག་ཤོར་བའི་གནད་དོན་ཡོད་མེད།རང་འགན་གཞན་དཀྲི་དང་རྣམ་གྲངས་ཞིབ་མཆན་འགོད་པ། ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལྷུ་ཚིགས་སུ་འགན་འཁྲི་ཁ་གསལ་མེད་པའི་སྣང་ཚུལ་ཡོད་མེད།
བཞི་ནི་མ་དངུལ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ཐད།མ་དངུལ་གཏོང་སྤྲོད་དུས་ཐོག་མེད་པ་དང་གཏོང་སྤྲོད་ཕྱིར་འགྱངས།རྫུན་ཞུ་རྫུན་ལེན།བཀག་ཉར་གཡོ་ལེན།འཐེན་ཉར་གཞན་སྤྱོད།སྒྲིག་འགལ་བུན་ལེན།གཏོང་དངུལ་གྱིས་འགྲོ་སོང་ཚབ་བྱེད་པ།གཏོང་སྒོ་རྫུན་སྒྲིགསྔོན་རྩིས་ལས་བརྒལ་ནས་གཏོང་སྒོ་བཀོད་སྒྲིག ཁྱབ་ཁོངས་དང་ཚད་གཞི་ལས་བརྒལ་ནས་ལས་ཀའི་གྲོན་དངུལ་གཏོང་བ།སྒྲིག་འགལ་གྱིས་མཚམས་སྦྱོར་གྲོན་དངུལ་སྤྲོད་པ།ལས་གྲྭའི་གྲོན་དངུལ་དུས་ཡུན་རིང་པོ་འགྱངས་ཆད་བྱེད་པ་སོགས་ཀྱི་གནད་དོན་དང་།ལྷག་པར་དུ་འཐེན་ཉར་གཞན་སྤྱོད་དང་མ་དངུལ་དུས་ཐོག་ཏུ་མ་འབྱོར་བའི་རྐྱེན་གྱིས་རྣམ་གྲངས་ལག་བསྟར་བྱེད་པའི་མྱུར་ཚད་དང་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་བཟོ་བ་སོགས་ཀྱི་གནད་དོན་ཡོད་མེད།མ་དངུལ་སྒྲིག་སྲོལ་དང་མི་མཐུན་པར་སྤྱད་ནས།ཉེ་དགའ་ཕྱོགས་ཞེན་དང་ལྐོག་ཟ་ཧམ་བཟུང་།གཡོ་ལེན་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཡོད་མེད།མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱ་ཤུགས་མི་འདང་བ་དང་།རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་ཐད་ཁྲལ་སེལ་སླ་བཅོས་བྱེད་པ་སོགས་ཀྱི་གནད་དོན་ཡོད་མེད།
ལྔ་ནི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་མ་དངུལ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ཐད།མ་དངུལ་གཡོ་ལེན་དང་འཐེན་ཉར་གཞན་སྤྱོད།སྒྲིག་འགལ་ཁྲིམས་འགལ་གྱིས་བུ་ལོན་ལེན་པ།རྟགས་མཚོན་ལས་གྲྭ་གཉེར་བ།ས་ཞིང་སྒྲིག་བཀོད་བེད་མེད་དུ་བཞག་ནས་འཕྲོ་བརླག་གཏོང་བ།ཚད་གཞི་མཐོ་བའི་ས་ཞིང་འབྲུ་མིན་ཅན་དང་ཞིང་མིན་ཅན་དུ་འགྱུར་བ།རྒྱལ་ཁབ་ཀྱི་གཅིག་གྱུར་གྲངས་གཞིའི་ནང་ཐོ་འགོད་བྱེད་སྐབས་འཐོལ་པ་སྤོ་བའམ་ཆད་ནས་སྤོ་བ་སོགས་དོན་དངོས་དང་མི་མཐུན་པའི་གནད་དོན་ཡོད་མེད།སྔོན་རྩིས་ནང་མེད་པ་དང་སྔོན་རྩིས་ལས་བརྒལ་ནས་གཏོང་སྒོ་བཀོད་སྒྲིག་དང་གཏོང་དངུལ་གྱིས་འགྲོ་སོང་ཚབ་བྱེད་པ། གཏོང་སྒོ་རྫུན་མ་བཟོ་བ།རྣམ་གྲངས་འཆར་གཞིའི་ཇུས་འགོད་ཚན་རིག་དང་མི་མཐུན་པ།རྒྱུ་ནོར་དོ་དམ་ཡག་པོ་མེད་པ་སོགས་མ་དངུལ་དོ་དམ་དང་སྲིད་ཇུས་ལག་བསྟར་ཐད་གནད་དོན་ཡོད་མེད།
དྲུག་ནི་མི་ཕྱུགས་ལོགས་དབྱེའི་རྣམ་གྲངས་མ་དངུལ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ཐད།མི་ཕྱུགས་ལོགས་དབྱེའི་ཚད་གཞི་ངེས་བརྟན་མེད་པ་དང་།ལས་འགན་ལེགས་འགྲུབ་བྱུང་མེད་པ།ལས་ཐོ་བཟོས་མེད་པ།རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས་མེད་པ།མ་དངུལ་དོན་འཁྱོལ་བྱས་མེད་པ། མང་ཚོགས་ཀྱི་བློ་མོས་བྱེད་ཚད་མཐོ་པོ་མེད་པ་བཅས་ཀྱི་གནས་ཚུལ་ཡོད་མེད།
(གསུམ)ཤང་གྲོང་རྡལ་གྱི་ནོར་སྲིད་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཕྱོགས།
གཅིག་ནི་ནང་ཁུལ་ཚོད་འཛིན་དོ་དམ་ཐད།ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་ཚང་མེད་པ་དང་། ནོར་སྲིད་སྔོན་རྩིས་གཏོང་སྒོ་དང་ལས་གྲྭའི་རྣམ་གྲངས་མ་དངུལ་གྱི་ལྟ་སྐུལ་དོ་དམ།ཟ་ཁང་གི་གྲོན་དངུལ་དོ་དམ་སོགས་གནད་ལ་འཁེལ་མེད་པའི་གནད་དོན་ཡོད་མེད།ནོར་དོན་དོ་དམ་ཚད་ལྡན་མེད་པ་དང་མ་དངུལ་གཏོང་སྤྲོད་ཀྱི་འགྲོ་ལུགས་ཆ་མི་ཚང་བ། དངུལ་གཉེར་དང་རྩིས་པ་འགན་གཅིག་ལྕོགས་བཅས་ཀྱི་གནད་དོན་ཡོད་མེད།ཤང་གྲོང་རྡལ་ལས་བྱེད་པས་སྒྲིག་འགལ་གྱིས་ཤང་གྲོང་རྡལ་ནས་དངུལ་བུན་གཡར་ཏེ་ཡུན་རིང་ཕྱིར་སྤྲོད་མི་བྱེད་པའི་གནད་དོན་ཡོད་མེད།
གཉིས་ནི་ནོར་དཔལ་སྒྲིག་ཁྲིམས་ལག་བསྟར་ཐད།སྒེར་གྱི་དངུལ་སྦས་ཁུང་འཛུགས་པ་དང་ཆད་འཛིན་རྩིས་ཐོར་འགོད་པ།རྣམ་པ་བསྒྱུར་ནས་ཕོགས་སྣོན་ཁ་གསབ་བམ་ཕན་བདེའི་གྲོན་དངུལ་གང་བྱུང་དུ་སྤྲོད་པ་སོགས་ཀྱི་གནད་དོན་ཡོད་མེད།བརྡ་ཁྱབ་དྲིལ་བསྒྲགས་གྲོན་དངུལ་དང་གཞུང་ལས་གྲོན་དངུལ།སྣེ་ལེན་གྲོན་དངུལ།ཡིག་སྐུར་ངོ་བཅར་དང་བརྟན་སྲུང་གྲོན་དངུལ།ས་བསྡུ་བཤིག་སྤོའི་གྲོན་དངུལ།ཁོར་ཡུག་བཅོས་སྒྲིག་གྲོན་དངུལ་སོགས་ཀྱི་མིང་ཐོག་ནས་ཤང་གྲོང་རྡལ་གྱི་ནོར་སྲིད་མ་དངུལ་ལྐོག་ཟ་གཡོ་ལེན་དང་།དེ་བཞིན་སྒྲིག་འགལ་སྣེ་ལེན་དང་སྒྲིག་འགལ་ཟ་འཐུང་།སྒྲིག་འགལ་ལག་རྟགས་སྤྲོད་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་མེད།
གཉིས།ཐེར་འདོན་བྱ་ཐབས།
བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་ལས་ཀའི་ལྟ་སྐུལ་ཐེར་འདོན་ཁ་པར། 0891-6345196
ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་མ་དངུལ་བེད་སྤྱོད་ཐད་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་ལས་ཀའི་ལྟ་སྐུལ་ཐེར་འདོན་ཁ་པར། 0893-7924935
གསུམ།བདག་སྤྲོད་དུས་ཚོད།
སྔ་དྲོའི་ཆུ་ཚོད་9:30ནས་13:00བར།ཕྱི་དྲོའི་ཆུ་ཚོད་15:30ནས་18:00བར།
ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད།ལྷོ་ཁ་གྲོང་ཁྱེར་ནོར་སྲིད་ཅུད།
2025ལོའི་ཟླ་6ཚེས་5ཉིན།
扫一扫在手机打开当前页面