首页 新闻中心 政务公开 政务服务 互动交流 招商引资 走进山南
当前位置:首页>新闻中心>区县动态

山南市第39届雅砻物资交流会购票须知(藏汉双语)

时间:2019-11-25 18:22:51 来源:乃东区人民政府办公室

为了维护公平的市场交易,有效制止和打击不法商贩采取各种手段购买参展展位票进行高价倒卖、贩卖的违法犯罪行为。尽可能的为持有经营许可证件的广大商户提供“山南市第39届雅砻物资交流会”展位票,依据相关的法律、法规规定,特公告如下:

一、 展位票售票时间、地点、种类

售票时间:2019年11月26日,下午15:30准时售票

售票地点:市体育场

售票种类:分别销售特色展位票、普通展位票、餐饮展位票、铁器展位票、家具展位票、被装展位票

二、申请购买展位票资格

1、 持有市场监督管理局核发的《营业执照》复印件;

2、 公民身份证件复印件;

3、 所持《营业执照》法人代表与申请购买展位票人员相一致;

4、 购票商户在排队等候期间需上报所购展位票种类。

三、 购买、使用方式

1、凡是具备上述证件以及符合申请展位票的合法商户,在售票现场工作人员的指引下依次进入售票处,采取随机抽取的方式购买展位票;

2、凡是购得展位票的商户在物交会期间要保证其展位票与《营业执照》、法人对应的公民身份证相一致,以供组委会工作人员核查。

四、售票流程

1、核对工商营业执照;

2、核对所持工商营业执照上的法人代表与申请购买展位票人员的信息是否一致;

3、一人限售一张展位票。

五、责任追究

1、发现不具备上述资格的购票者,现场工作人员将劝离该购票者离场,对拒不离场的人员,将进行警告直到强行带离售票现场;

2、出现带头无理取闹、煽动滋事、扰乱现场秩序的人员,将取消购票资格。

雅砻物资交流会组委会

2019年11月25日

སྤ་སེ་ཉོ་སྐབས་ཀྱི་ངེས་བྱ།

དྲང་བདེན་གྱི་ཁྲོམ་རའི་ཉོ་ཚོང་ལ་སྲུང་སྐྱོང་བྱ་ཆེད། ཚོང་པས་ཁྲིམས་འགལ་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་འགྲེམས་ཞུགས་སྤ་སེ་ཉོས་ནས་རིན་གོང་མཐོ་པོས་ལྐོག་ཚོང་དང་བར་ཚོང་རྒྱག་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་བཀག་འགོག་དང་རྡུང་རྡེག་ནུས་ལྡན་གཏོང་དགོས། གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཡོད་པའི་རྒྱ་ཆེའི་ཚོང་པར་"ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྐབས་སོ་དགུ་པའི་"འགྲེམས་གནས་སྤ་སེ་མཁོ་འདོན་གང་ཐུབ་བྱ་རྒྱུ་ཡིན་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་དམིགས་སུ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག འགྲེམས་གནས་ཀྱི་སྤ་སེ་ཚོང་བའི་དུས་ཚོད་དང་ས་གནས།སྣེ་རིགས།

སྤ་སེ་ཚོང་བའི་དུས་ཚོད། 2019ལོའི་ཟླ་11ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་1530དུས་ཐོག་ཏུ་སྤ་སེ་ཚོང་རྒྱུ་ཡིན།

སྤ་སེ་ཚོང་ས། གྲོང་ཁྱེར་ལུས་རྩལ་ཐང་དུ་ཡིན།

སྤ་སེ་ཚོང་བའི་སྣེ་རིགས་ནི། ཁྱད་ལྡན་འགྲེམས་གནས་ཀྱི་སྤ་སེ་དང་སྤྱིར་བཏང་འགྲེམས་གནས་ཀྱི་སྤ་སེ། བཟའ་བཏུང་འགྲེམས་གནས་ཀྱི་སྤ་སེ། ལྕགས་ཆས་འགྲེམས་གནས་ཀྱི་སྤ་སེ། ཁྱིམ་ཆས་འགྲེམས་གནས་ཀྱི་སྤ་སེ།ཉལ་གདན་འགྲེམས་གནས་ཀྱི་སྤ་སེ་བཅས་ཁག་སོ་སོར་ཕྱིར་ཚོང་བྱ་རྒྱུ་ཡིན།

གཉིས།  འགྲེམས་གནས་སྤ་སེ་ཉོ་བའི་རེ་ཞུ་བྱེད་པའི་ཐོབ་ཐང་།

1.ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱིས་དཔྱད་སྤྲོད་བྱས་པའི་ཚོང་གཉེར་ལག་ཁྱེར་པར་བཤུས་ཁྱེར་ཡོང་དགོས།

2.སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་པར་བཤུས་ཁྱེར་ཡོང་དགོས།

3.ཚོང་གཉེར་ལག་ཁྱེར་གྱི་ཁྲིམས་ཚབ་འཐུས་མི་དང་འགྲེམས་གནས་སྤ་སེ་ཉོ་བའི་རེ་ཞུ་བྱེད་མཁན་གྱི་མི་སྣ་གཅིག་མཚུངས་ཡིན་དགོས།

4.ཚོང་པ་རྣམས་སྤ་སེ་ཉོ་སྐབས་རུ་སྒྲིག་ནས་སྡོད་རིང་རང་ཉིད་ཉོ་སྒྲུབ་བྱ་རྒྱུའི་སྤ་སེའི་རིགས་སྙན་སེང་ཞུ་དགོས།

གསུམ། ཉོ་སྒྲུབ་དང་བེད་སྤྱོད་བྱེད་སྟངས།

1.གོང་གསལ་གྱི་ལག་ཁྱེར་དང་དེ་བཞིན་འགྲེམས་གནས་སྤ་སེ་རེ་ཞུ་བྱ་རྒྱུ་དང་འཚམ་པའི་ཁྲིམས་མཐུན་གྱི་ཚོང་པ་ཡིན་ཕྱིན། སྤ་སེ་ཚོང་ཡུལ་གྱི་ལས་དོན་མི་སྣའི་མཛུབ་ཁྲིད་འོག་རིམ་བཞིན་སྤ་སེ་ཉོ་སར་བསྐྱོད་ནས་སྐབས་བསྟུན་འཐེན་ལེན་གྱི་བྱེད་ཐབས་སྤྱད་ཏེ་འགྲེམས་གནས་སྤ་སེ་ཉོ་སྒྲུབ་བྱེད་དགོས།

2.འགྲེམས་གནས་སྤ་སེ་ཉོས་ཟིན་པའི་ཚོང་པ་ཡིན་ཕྱིན་དངོས་ཟོག་བརྗེ་རེས་ཚོང་འདུས་རིང་གི་འགྲེམས་གནས་སྤ་སེ་དང་ཚོང་གཉེར་ལག་ཁྱེར་དེ་བཞིན་ཁྲིམས་ཚབ་འཐུས་མིའི་ཐོབ་ཐང་ལག་ཁྱེར་བཅས་གཅིག་མཚུངས་ཡོང་བ་བྱས་ཏེ་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་མི་སྣས་ཞིབ་བཤེར་བྱེད་སྐབས་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས།

བཞི། སྤ་སེ་ཚོང་བའི་བརྒྱུད་རིམ།

1.བཟོ་ཚོང་ལས་གཉེར་ལག་ཁྱེར་ཞིབ་བསྡུར་བྱེད་པ།

2.བཟོ་ཚོང་ལས་གཉེར་ལག་ཁྱེར་ཐོག་གི་ཁྲིམས་ཚབ་འཐུས་མི་དང་འགྲེམས་གནས་སྤ་སེ་ཉོ་མཁན་གྱི་ཆ་འཕྲིན་གཅིག་མཚུངས་ཡིན་མིན་ཞིབ་བཤེར་བྱེད་པ།

3.མི་རེར་འགྲེམས་གནས་སྤ་སེ་གཅིག་ལས་ཚོང་རྒྱུ་མེད་པའི་ཚོད་འཛིན་བྱ་རྒྱུ།

ལྔ། འགན་འཁྲི་བདའ་འདེད་གཏོང་རྒྱུ།

1.གོང་གསལ་གྱི་ཐོབ་ཐང་མེད་པའི་སྤ་སེ་ཉོ་མཁན་ཤེས་རྟོགས་བྱུང་ཚེ།ལས་ཡུལ་དངོས་སུ་ཡོད་པའི་ལས་དོན་མི་སྣས་སྤ་སེ་ཉོ་མཁན་དེ་སྤ་སེ་ཉོ་ཡུལ་ནས་ཁ་བྲལ་དུ་འཇུག་དགོས་པ་དང་ཁ་ལ་མི་ཉན་པའི་མི་སྣ་དེ་དག་ཐ་ཚིག་སྒྲོག་ཏེ་སྤ་སེ་ཚོང་སའི་ལས་ཡུལ་ནས་བཙན་ཤེད་ཀྱི་ཕྱིར་འབུད་བྱ་རྒྱུ་ཡིན།

2.དོན་མེད་རྩོད་གླེང་དང་ཟིང་སློང་ངན་སྐུལ་བྱེད་པ།ལས་ཡུལ་དངོས་ཀྱི་སྒྲིག་ལམ་དཀྲུག་པའི་མི་སྣ་ཐོན་ཚེ་སྤ་སེ་ཉོ་བའི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན།

ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་སྒྲིག་འཛུགས་ཨུ་ལྷན་ནས།

2019ལོའི་ཟླ་11ཚེས་25ཉིན།    

扫一扫在手机打开当前页面

字体【  大  中  小  【打印】